སྟིར་བྱེད་པ་དང་། ཕུ་དུད་དུ་བྱེད་པ་དང་། མཆོད་པ་བྱེད་པ་དེས་ཚེ་འདིའི་ཡོན་ཏན་འདི་དག་ཀྱང་ཡོངས་སུ་ཟིན་པར་འགྱུར་རོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བཞི་པ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། འཆང་བ་དེར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་ཀྱི་ལྷ་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མྱེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མྱེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་། འབྲས་བུ་ཆེ་བའི་ལྷ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ཀྱང་དེར་དོང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། གདུད་པ་བྱས་ཤིང་ཕྱིར་འདོང་བར་སེམས་སོ། །​གནས་གཙང་མའི་རིས་མྱི་ཆེ་བ་དང་། མྱི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མྱིན་གྱི་ལྷ་དེ་དག་ཀྱང་དེར་དོང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། གདུད་པ་བྱས་ཤིང་ཕྱིར་འདོང་བར་སེམས་སོ། །​ཀཽ་ཤི་ཀ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་བླ་ན་མྱེད་པ་ཡང་དག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96861#UT22084-014-001-96861