ཡིད་ལ་བྱེད་པ་དང་། བྲིས་ཤིང་དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད་པ་དང་། བཀུར་སྟིར་བྱེད་པ་དང་། ཕུ་དུད་དུ་བྱེད་པ་དང་། མཆོད་པར་བྱེད་པ་དེ་ནི། ཕ་དང་། མ་དང་། གཉེན་བཤེས་དང་། རྒྱལ་པོ་དང་། བློན་པོ་དང་། དགེ་སྦྱོང་དང་། བྲམ་ཟེ་དག་གིས་དགོས་པར་བྱ་བ་ཡིན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་སངས་རྒྱས་དང་། དགྲ་བཅོམ་པ་དང་། ཕྱིར་མྱི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་། རྒྱུན་ཏུ་ཞུགས་པ་གང་ཇི་སྙེད་ཡོད་པ་དེ་དག་གིས་ཀྱང་དགོས་ཤིང་ཡིད་དུ་འོང་བར་བྱ་བ་ཡིན། འཇིག་རྟེན་ལྷ་དང་བཅས་པ་བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པས་ཀྱང་དགོས་ཤིང་ཡིད་དུ་འོང་བར་བྱ་བ་ཡིན། སྤོབས་པ་མྱི་འཕྲོགས་པར་འགྱུར་བ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་འཕྲོགས་པར་འགྱུར་བ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་འཕྲོགས་པར་འགྱུར་བ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་འཕྲོགས་པར་འགྱུར་བ་ཡིན། བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ནང་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ཕྱི་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། ཕྱི་ནང་སྟོང་པ་ཉིད་སྒོམ་པ་མྱི་འཕྲོགས་པར་འགྱུར་བ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99236#UT22084-014-001-99236