དབང་བྱེད་ཀྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​ཚངས་རིས་ཀྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​ཚངས་ཆེན་གྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​སྣང་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​ཆུང་སྣང་གི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​ཚད་མྱེད་སྣང་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​ཀུན་སྣང་དང་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །དགེ་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​ཆུང་དགེའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​ཚད་མྱེད་དགེ་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​དགེ་རྒྱས་ཀྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​ཆེ་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​ཆུང་ཆེའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​ཚད་མྱེད་ཆེ་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​འབྲས་བུ་ཆེ་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​མྱི་ཆེ་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​མྱི་གདུང་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​ཤིན་ཏུ་མཐོང་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​གྱ་ནོམ་སྣང་བའི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​འོག་མྱིན་གྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །​བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བགྱིས་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིས་པས་ནི། རྒྱུན་ཏུ་ཞུགས་པ་རྣམས་འཇིག་རྟེན་ན་མཆིས་སོ། །​ལན་ཅིག་ཕྱིར་འོང་བ་རྣམས་འཇིག་རྟེན་ན་མཆིས་སོ། །​ཕྱིར་མྱི་འོང་བ་རྣམས་འཇིག་རྟེན་ན་མཆིས་སོ། །​དགྲ་བཅོམ་པ་རྣམས་འཇིག་རྟེན་ན་མཆིས་སོ། །​རང་སངས་རྒྱས་རྣམས་འཇིག་རྟེན་ན་མཆིས་སོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ན་མཆིས་སོ། །​བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96853#UT22084-014-001-96853