གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​དྲི་ནི་དྲིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲི་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​རོ་ནི་རོས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རོ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​རེག་ནི་རེག་གིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རེག་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཆོས་ནི་ཆོས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །​མྱིག་གི་རྣམ་པར་ཤེས་པ་ནི་མྱིག་གི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མྱིག་གི་རྣམ་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​རྣ་བའི་རྣམ་པར་ཤེས་པ་ནི་རྣ་བའི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣ་བའི་རྣམ་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་དོ། །​སྣའི་རྣམ་པར་ཤེས་པ་ནི་སྣའི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྣའི་རྣམ་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ལྕེའི་རྣམ་པར་ཤེས་པ་ནི་ལྕེའི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལྕེའི་རྣམ་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ལུས་ཀྱི་རྣམ་པར་ཤེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལུས་ཀྱི་རྣམ་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡིད་ཀྱི་རྣམ་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96834#UT22084-014-001-96834