པའི་སངས་རྒྱས་ཀྱི་ཡེ་ཤེས་ཡོད་དོ། །​ཆོས་ཀྱི་འཁོར་ལོ་བསྐོར་བ་ཡོད་དོ། །​སེམས་ཅན་ཡོངས་སུ་སྨིན་པ་ཡོད་དོ། །​སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོད་དོ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མའི་ལྷ་རྣམས་དང་། དགའ་ལྡན་གྱི་ལྷ་རྣམས་དང་། འཕྲུལ་དགའི་ལྷ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་དང་། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་དང་། ཚངས་ཆེན་གྱི་ལྷ་རྣམས་དང་། སྣང་བའི་ལྷ་རྣམས་དང་། ཆུང་སྣང་གི་ལྷ་རྣམས་དང་། ཚད་མྱེད་སྣང་བའི་ལྷ་རྣམས་དང་། ཀུན་སྣང་དང་བའི་ལྷ་རྣམས་དང་། དགེ་བའི་ལྷ་རྣམས་དང་། ཆུང་དགེའི་ལྷ་རྣམས་དང་། ཚད་མྱེད་དགེ་བའི་ལྷ་རྣམས་དང་། དགེ་རྒྱས་ཀྱི་ལྷ་རྣམས་དང་། ཆེ་བའི་ལྷ་རྣམས་དང་། ཆུང་ཆེའི་ལྷ་རྣམས་དང་། ཚད་མྱེད་ཆེ་བའི་ལྷ་རྣམས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་། མྱི་ཆེ་བའི་ལྷ་རྣམས་དང་། མྱི་གདུང་བའི་ལྷ་རྣམས་དང་། ཤིན་ཏུ་མཐོང་བའི་ལྷ་རྣམས་དང་། གྱ་ནོམ་སྣང་བའི་ལྷ་རྣམས་དང་། འོག་མྱིན་གྱི་ལྷ་གང་ཇི་སྙེད་ཡོད་པ་དེ་དག་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བར་བྱའོ། །​གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅང་བར་བྱའོ། །​གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀླག་པར་བྱའོ། །​གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་ཆུབ་པར་བྱའོ། །​གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བཞིན་དུ་ཡིད་ལ་བྱའོ། །​གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96795#UT22084-014-001-96795