དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ་དེ་དག་གིས་བསམ་གཏན་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བསམ་གཏན་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །​དེ་དག་གིས་ཚད་མྱེད་པ་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཚད་མྱེད་པ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །​དེ་དག་གིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །​དེ་དག་གིས་རྣམ་པར་ཐར་པ་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་རྣམ་པར་ཐར་པ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །​དེ་དག་གིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མྱི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །​དེ་དག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96771#UT22084-014-001-96771