ཆེན་པོ་མ་ཐོས་མ་བསྒོམས་པ་དང་། སྙིང་རྗེ་ཆེན་པོ་མ་ཐོས་མ་བསྒོམས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཐོས་མ་བསྒོམས་པ་དང་། ཐམས་ཅད་ཤེས་པ་ཉིད་མ་ཐོས་མ་བསྒོམས་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཐོས་མ་བསྒོམས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོས་མ་བསྒོམས་པའི་ཕྱིར་རོ། །​ཀཽ་ཤི་ཀ་རྣམ་གྲངས་དེས་ན། འདི་ལྟར་འཛམ་བུའི་གླིང་གི་སེམས་ཅན་ལས་སངས་རྒྱས་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་། ཆོས་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དང་། དགེ་འདུན་ལ་མོས་པ་མྱི་ཕྱེད་པ་དང་ལྡན་པ་དེ་ལྟ་བུ་ནི་ཉུང་སྟེ། དེ་བས་ཀྱང་རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་ཆེས་ཉུང་ངོ་། །​དེ་བས་ཀྱང་རྣམ་པར་ཐར་པ་བརྒྱད་ཐོབ་པ་ཆེས་ཉུང་ངོ་། །​དེ་བས་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་ཆེས་ཉུང་ངོ་། །​དེ་བས་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་ཆེས་ཉུང་ངོ་། །​དེ་བས་ཀྱང་མངོན་པར་ཤེས་པ་དྲུག་ཐོབ་པ་ཆེས་ཉུང་ངོ་། །​དེ་བས་ཀྱང་འཛམ་བུའི་གླིང་གི་མྱི་རྣམས་ལས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར། རྒྱུན་ཏུ་ཞུགས་པར་གྱུར་པ་ཆེས་ཉུང་ངོ་། །​དེ་བས་ཀྱང་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་བསྲབས་པའི་ཕྱིར། ལན་ཅིག་ཕྱིར་འོང་བར་གྱུར་པ་ཆེས་ཉུང་ངོ་། །དེ་བས་ཀྱང་དམ་པ་མ་ཡིན་པའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། ཕྱིར་མྱི་འོང་བར་གྱུར་པ་ཆེས་ཉུང་ངོ་། །​དེ་བས་ཀྱང་བླ་མའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། དགྲ་བཅོམ་པར་གྱུར་པ་ཆེས་ཉུང་ངོ་། །​དེ་བས་ཀྱང་འཛམ་བུའི་གླིང་གི་མྱི་ལས་རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པ་ཆེས་ཉུང་ངོ་། །​དེ་བས་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པ་ཆེས་ཉུང་ངོ་། །​དེ་བས་ཀྱང་བསམ་བདག་པ་བྱང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96753#UT22084-014-001-96753