དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བའི་སླད་དུ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བ་དང་། དགེ་བའི་རྩ་བ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བགྱི་བ་དང་། བཀུར་སྟིར་བགྱི་བ་དང་། ཕུ་དུད་དུ་བགྱི་བ་དང་། མཆོད་པར་བགྱི་བར་འཚལ་བ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་དག་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་དྲན་པ་མི་ཉམས་པ་དང་རིགས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། སྐྱེ་བ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། འཁོར་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། མཚན་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། འོད་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། མྱིག་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། དབྱངས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། །​ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། གཟུངས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། ཐབས་མཁས་པས་བདག་ཀྱང་སངས་རྒྱས་ཀྱི་སྐུར་མངོན་པར་སྤྲུལ་ཅིང་། འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་མཆི་བ་དང་། གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེ་ཞིང་བྱུང་བར་མ་གྱུར་པ་དེ་དང་དེ་དག་ཏུ་མཆིས་ཤིང་། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པའི་ཡོན་ཏན་རྗོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྗོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིནད་པའི་ཡོན་ཏན་རྗོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྗོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96696#UT22084-014-001-96696