འབྱུང་བར་འགྱུར་རོ། །​ཆོས་ཀྱི་འཁོར་ལོ་བསྐོར་བ་ཡོད་པར་འགྱུར་རོ། །​སངས་རྒྱས་དཀོན་མཆོག་འབྱུང་བར་འགྱུར་རོ། །​ཆོས་དཀོན་མཆོག་འབྱུང་བར་འགྱུར་རོ། །​དགེ་འདུན་དཀོན་མཆོག་འབྱུང་བར་འགྱུར་རོ། །​དེ་བས་ན་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱའོ། བཀུར་སྟིར་བྱའོ། །​ཕུ་དུད་དུ་བྱའོ། །​མཆོད་པར་བྱའོ། །​རྟག་ཏུ་རྒྱུན་མྱི་འཆད་པར་དེ་ལ་བསྲུང་པ་དང་། བསྐྱང་བ་དང་། བསྐྱབ་པར་བྱའོ། །​ཀཽ་ཤི་ཀ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་སེམས་པ་དེ་ནི། ང་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་སེམས་སོ། །​དེ་བས་ན་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱའོ། །​བཀུར་སྟིར་བྱའོ། །​ཕུ་དུད་དུ་བྱའོ། །​མཆོད་པར་བྱའོ། །​རྟག་ཏུ་རྒྱུན་མྱི་འཆད་པར་དེ་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་བྱའོ། །​ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འདི་ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། སྨྱིག་མའི་ཚལ་ལམ་བུ་རམ་ཤིང་གི་ཚལ་ལམ། འོད་མའི་ཚལ་ལམ། རྩི་སྐྱང་གི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་གང་བར་གྱུར་ལ། དེ་དག་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ནམ་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། ཕུ་དུད་དུ་བྱས་པ་དང་། མཆོད་པར་བྱས་པ་བས། གང་ལ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ། ཕ་རོལ་ཏུ་ཕྱིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96694#UT22084-014-001-96694