པའི་བདེན་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​རྣམ་པར་ཐར་པ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​རྣམ་པར་ཐར་པའི་སྒོ་གསུམ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​ཏིང་ངེ་འཛིན་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​གཟུངས་ཀྱི་སྒོ་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​མྱི་འཇིགས་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​སོ་སོ་ཡང་དག་པར་རིག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​བྱམས་པ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​སྙིང་རྗེ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​ཐམས་ཅད་ཤེས་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། རྒྱལ་རིགས་ཆེ་ཞིང་མཐོ་བ་ཡོད་པར་འགྱུར་རོ། །​བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་ཡོད་པར་འགྱུར་རོ། །​ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་ཡོད་པར་འགྱུར་རོ། །​འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཡོད་པར་འགྱུར་རོ། །​རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་པར་འགྱུར་རོ། །​སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་པར་འགྱུར་རོ། །​མཚེ་མའི་ལྷ་རྣམས་ཡོད་པར་འགྱུར་རོ། །​དགའ་ལྡན་གྱི་ལྷ་རྣམས་ཡོད་པར་འགྱུར་རོ། །​འཕྲུལ་དགའི་ལྷ་རྣམས་ཡོད་པར་འགྱུར་རོ། །​གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་པར་འགྱུར་རོ། །​ཚངས་རིས་ཀྱི་ལྷ་རྣམས་ཡོད་པར་འགྱུར་རོ། །​ཚངས་ལྷ་ཉེ་ཕན་གྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96692#UT22084-014-001-96692