དཀོན་མཆོག་འབྱུང་བར་འགྱུར། ཆོས་དཀོན་མཆོག་འབྱུང་བར་འགྱུར། དགེ་འདུན་དཀོན་མཆོག་འབྱུང་བར་འགྱུར། བཅོམ་ལྡན་འདས་རྣམ་གྲངས་དེས་ན་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་བགྱིའོ། །​དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​ཀཽ་ཤི་ཀ་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །​བྱོལ་སོང་གི་སྐྱེ་གནས་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །​གཤིན་རྗེའི་འཇིག་རྟེན་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །​ལྷ་ལས་ཕོངས་པ་རྒྱུན་ཆད་པར་འགྱུར་རོ། །​མྱི་ལས་དབུལ་བ་རྒྱུན་ཆད་པར་འགྱུར་རོ། །​ནད་དང་། གནོད་པ་དང་། འགོ་བའི་ནད་ཐམས་ཅད་རྒྱུན་འཆད་པ་དང་། འཇིག་པ་དང་། མྱེད་པར་འགྱུར་རོ། །​མུ་གེའི་མྱ་ངམ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​བསམ་གཏན་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​ཚད་མྱེད་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​མངོན་པར་ཤེས་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96690#UT22084-014-001-96690