པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། བྱམས་པ་ཆེན་པོ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙེད། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ་གླགས་མྱི་རྙེད་དོ། །​དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། ཐམས་ཅད་ཤེས་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙེད། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙེད། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ་གླགས་མྱི་རྙེད་དོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་གླགས་རྙེད་པར་འགྱུར་བ་དང་། གང་དུ་གླགས་རྙེད་པར་འགྱུར་བ་དང་། གང་ལ་གླགས་རྙེད་པར་འགྱུར་བ་དེ་དག་གི་ངོ་བོ་ཉིད་མྱེད་དོ། །​ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ལ་ནི་མྱིའམ། མྱི་མ་ཡིན་པ་གླགས་ལྟ་ཞིང་གླགས་ཚོལ་བ་དེ་དག་གིས་གླགས་རྙེད་པར་མྱི་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་དེ་མྱི་དམྱིགས་པའི་ཚུལ་གྱིས། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཤིན་ཏུ་བསྒོམས་པའི་ཕྱིར་རོ། །​རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་ཉམ་ང་བ་མྱི་སྤོངས་བས་དུས་བྱེད་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96683#UT22084-014-001-96683