དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙྷེད། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙྷེད། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ་གླགས་མྱི་རྙྷེད་དོ། །​དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མྱི་རྙྷེད། མཚན་མ་མྱེད་པས་མཚན་མ་མྱེད་པ་ལ་གླགས་མྱི་རྙྷེད་དོ། སྨོན་པ་མྱེད་པས་སྨོན་པ་མྱེད་པ་ལ་གླགས་མྱི་རྙྷེད་དོ། །​དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། སྣའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96678#UT22084-014-001-96678