དང་ཡང་བྲལ་བར་མ་གྱུར་ཏེ། དེ་མྱི་དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་དག་དང་ཡང་བྲལ་བར་མ་གྱུར་ཏོ། །​ལྷའི་བུ་དག་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ང་ལ་ཁྱེའུ་ཁྱོད་ནི། མ་འོངས་པའི་དུས་ཀྱི་བསྐལ་པ་གྲངས་མྱེད་པ་ན། བསྐལ་པ་བཟང་པོའི་ཚེ། འཇིག་རྟེན་གྱི་ཁམས་འདི་ཉིད་དུ་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མྱེད་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། ལྷ་དང་མྱི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །​དེ་ནས་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་གཟུགས་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཚོར་བ་མྱི་ལེན་མྱི་འདོར་བའི་ཚུལ་དང་། འདུ་ཤེས་མི་ལེན་མི་འདོར་བའི་ཚུལ་དང་། འདུ་བྱེད་མྱི་ལེན་མྱི་འདོར་བའི་ཚུལ་དང་། རྣམ་པར་ཤེས་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། མྱིག་མྱི་ལེན་མྱི་འདོར་བའི་ཚུལ་དང་། རྣ་བ་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྣ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ལྕེ་མྱི་ལེན་མྱི་འདོར་བའི་ཚུལ་དང་། ལུས་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཡིད་མྱི་ལེན་མྱི་འདོར་བའི་ཚུལ་དང་། གཟུགས་མྱི་ལེན་མྱི་འདོར་བའི་ཚུལ་དང་། སྒྲ་མྱི་ལེན་མྱི་འདོར་བའི་ཚུལ་དང་། དྲི་མྱི་ལེན་མྱི་འདོར་བའི་ཚུལ་དང་། རོ་མྱི་ལེན་མྱི་འདོར་བའི་ཚུལ་དང་། རེག་མྱི་ལེན་མྱི་འདོར་བའི་ཚུལ་དང་། ཆོས་མྱི་ལེན་མྱི་འདོར་བའི་ཚུལ་དང་། མྱིག་གི་རྣམ་པར་ཤེས་པ་མྱི་ལེན་མྱི་འདོར་བའི་ཚུལ་དང་། རྣ་བའི་རྣམ་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96672#UT22084-014-001-96672