ལ་སློབ་བོ། །​མྱི་འཇིགས་པ་རྣམས་ལ་སློབ་བོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ལ་སློབ་བོ། །​བྱམས་པ་ཆེན་པོ་ལ་སློབ་བོ། །​སྙིང་རྗེ་ཆེན་པོ་ལ་སློབ་བོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སློབ་བོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སློབ་བོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སློབ་བོ། །​ཕྱིད་མྱི་འོང་བའི་འབྲས་བུ་ལ་སློབ་བོ། །​དགྲ་བཅོམ་པ་ཉིད་ལ་སློབ་བོ། །​རང་བྱང་ཆུབ་ལ་སློབ་བོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སློབ་བོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་བོ། །​ལྷའི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མྱི་འབྲལ་བར་སྤྱོད་པ་ནི། དེ་བཞིན་གཤེགས་པ་ཉིད་ཅེས་བྱ་སྟེ། ལྷའི་བུ་དག་གང་གི་ཚེ། ང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་ཞམ་འབྲིང་བྱེད་ཅིང་། རྒྱལ་པོའི་ཁབ་པདྨོ་ཡོད་པའི་ནང་གི་ཚོང་དུས་ཀྱི་དབུས་ན་འདུག་པའི་ཚེ། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་དང་བྲལ་བར་མ་གྱུར་ཏོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་བྲལ་བར་མ་གྱུར་ཏོ། །​ནང་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །​ཕྱི་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །​ཕྱི་ནང་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །​སྟོང་པ་ཉིད་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །​ཆེན་པོ་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །​དོན་དམ་པ་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །​འདུས་བྱས་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །​འདུས་མ་བྱས་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །​མཐའ་ལས་འདས་པ་སྟོང་པ་ཉིད་དང་བྲལ་བར་མ་གྱུར་ཏོ། །​ཐོག་མ་དང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96670#UT22084-014-001-96670