དམྱིགས་སོ། །​རྣམ་པར་ཐར་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​མངོན་པར་ཤེས་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​ཏིང་ངེ་འཛིན་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​གཟུངས་ཀྱི་སྒོ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​མྱི་འཇིགས་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​བྱམས་པ་ཆེན་པོ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​ཐམས་ཅད་ཤེས་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ།​། །​།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བདུན་པ། །​ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་འདི་དག་ཐམས་ཅད་ལ་སློབ་སྟེ། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ལ་སློབ་བོ། །​ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96668#UT22084-014-001-96668