ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མྱི་དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བ་དེ་ནི། དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏེ། གསུམ་གང་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་བཤད་དོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​ནང་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​ཕྱི་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​ཕྱི་ནང་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​སྟོང་པ་ཉིད་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​ཆེན་པོ་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དོན་དམ་པ་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​འདུས་བྱས་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​འདུས་མ་བྱས་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​མཐའ་ལས་འདས་པ་སྟོང་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96666#UT22084-014-001-96666