ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཐམས་ཅད་ཤེས་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་ལམ་གྱི་རྣམ་པ་ཤེས་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུགས་མཐའ་ཡས་པ་དང་། ཚོར་བ་མཐའ་ཡས་པ་དང་། འདུ་ཤེས་མཐའ་ཡས་པ་དང་། འདུ་བྱེད་མཐའ་ཡས་པ་དང་། རྣམ་པར་ཤེས་པ་མཐའ་ཡས་པ་དང་། མྱིག་མཐའ་ཡས་པ་དང་། རྣ་བ་མཐའ་ཡས་པ་དང་། སྣ་མཐའ་ཡས་པ་དང་། ལྕེ་མཐའ་ཡས་པ་དང་། ལུས་མཐའ་ཡས་པ་དང་། ཡིད་མཐའ་ཡས་པ་དང་། གཟུགས་མཐའ་ཡས་པ་དང་། སྒྲ་མཐའ་ཡས་པ་དང་། དྲི་མཐའ་ཡས་པ་དང་། རོ་མཐའ་ཡས་པ་དང་། རེག་མཐའ་ཡས་པ་དང་། ཆོས་མཐའ་ཡས་བ་དང་། མྱིག་གི་རྣམ་པར་ཤེས་པ་མཐའ་ཡས་པ་དང་། རྣ་བའི་རྣམ་པར་ཤེས་པ་མཐའ་ཡས་པ་དང་། སྣའི་རྣམ་པར་ཤེས་པ་མཐའ་ཡས་པ་དང་། ལྕེའི་རྣམ་པར་ཤེས་པ་མཐའ་ཡས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་མཐའ་ཡས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མཐའ་ཡས་པ་དང་། མྱིག་གི་འདུས་ཏེ་རེག་པ་མཐའ་ཡས་པ་དང་། རྣ་བའི་འདུས་ཏེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96656#UT22084-014-001-96656