མཐའ་དང་དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་རྣམ་པར་ཤེས་པའི་ཁམས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་ཁམས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་མ་རིག་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་མ་རིག་པའི་མཐའ་དང་དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་འདུ་བྱེད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་འདུ་བྱེད་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་རྣམ་པར་ཤེས་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་མཐའ་དང་དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་མྱིང་དང་གཟུགས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་མྱིང་དང་གཟུགས་ཀྱི་མཐའ་དང་དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་སྐྱེ་མཆེད་དྲུག་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྐྱེ་མཆེད་དྲུག་གི་མཐའ་དང་དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་རེག་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རེག་པའི་མཐའ་དང་དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་ཚོར་བ་མཐའ་ཡས་པའི་ཕྱིར།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96647#UT22084-014-001-96647