ཏུ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་འདི་དཔག་ཏུ་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དཔག་པ་ནི་དམྱིགས་སུ་མྱེད་དོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དཔག་པ་ཡང་དམྱིགས་སུ་མྱེད་དེ། ནམ་མཁའ་དཔག་ཏུ་མྱེད་པའི་ཕྱིར། རང་གི་མཚན་ཉིད་སྟོང་པ་ཉིད་དཔག་ཏུ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་དཔག་ཏུ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མྱེད་དོ། །​ཀཽ་ཤི་ཀ་མྱི་དམྱིགས་པ་སྟོང་པ་ཉིད་དཔག་ཏུ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དཔག་པ་ཡང་དམྱིགས་སུ་མྱེད་དེ། ནམ་མཁའ་དཔག་ཏུ་མྱེད་པའི་ཕྱིར། མྱི་དམྱིགས་པ་སྟོང་པ་ཉིད་དཔག་ཏུ་མྱེད་དོ། །​མྱི་དམྱིགས་པ་སྟོང་པ་ཉིད་དཔག་ཏུ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མྱེད་དོ། །ཀཽ་ཤི་ཀ་དངོས་པོ་མྱེད་པ་སྟོང་པ་ཉིད་དཔག་ཏུ་མྱེད་པའི་ཕྱིར། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། །​ཀཽ་ཤི་ཀ་དེ་ནི་འདི་ལྟར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དཔག་པ་ཡང་དམྱིགས་སུ་མྱེད་དེ། ནམ་མཁའ་དཔག་ཏུ་མྱེད་པའི་ཕྱིར།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96630#UT22084-014-001-96630