སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་གཟུགས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། གཟུགས་ཚད་མྱེད་དོ། །​གཟུགས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །​ཀཽ་ཤི་ཀ་སྒྲ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྒྲའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་སྒྲའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མེད་པའི་ཕྱིར། སྒྲ་ཚད་མྱེད་དོ། །​སྒྲ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །​ཀཽ་ཤི་ཀ་དྲི་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་དྲིའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་དྲིའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། དྲི་ཚད་མྱེད་དོ། །​དྲི་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །​ཀཽ་ཤི་ཀ་རོ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རོའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་རོའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རོ་ཚད་མྱེད་དོ། །​རོ་ཚད་མྱེད་པའི་ཕྱིར།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96575#UT22084-014-001-96575