རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་ཚད་ནི་དམིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་གཟུགས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། གཟུགས་ཚད་མྱེད་དོ། །​གཟུགས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །​ཀཽ་ཤི་ཀ་ཚོར་བ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཚོར་བའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་ཚོར་བའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཚོར་བ་ཚད་མྱེད་དོ། །​ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །​ཀཽ་ཤི་ཀ་འདུ་ཤེས་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་འདུ་ཤེས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་འདུ་ཤེས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། འདུ་ཤེས་ཚད་མྱེད་དོ། །​འདུ་ཤེས་ཚད་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །​ཀཽ་ཤི་ཀ་འདུ་བྱེད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་འདུ་བྱེད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་འདུ་བྱེད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96572#UT22084-014-001-96572