རེག་པའི་རྐྱེན་ཀྱིས་ཚོར་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་སའི་ཁམས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སའི་ཁམས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་ཆུའི་ཁམས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆུའི་ཁམས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་མྱེའི་ཁམས་རྒྱ་ཆེ་བའི་ཕྱིར། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་མྱེའི་ཁམས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་རླུང་གི་ཁམས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རླུང་གི་ཁམས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96560#UT22084-014-001-96560