རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་གི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་མྱི་བྱ། མྱིག་གི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​རྣ་བའི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་མྱི་བྱ། རྣ་བའི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱ་འོ། །​སྣའི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་མྱི་བྱ། སྣའི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ལྕེའི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་མྱི་བྱ། ལྕེའི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ལུས་ཀྱི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་མྱི་བྱ། ལུས་ཀྱི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ཡིད་ཀྱི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་མྱི་བྱ། ཡིད་ཀྱི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་མྱིག་གི་འདུས་ཏེ་རེག་པ་གང་ཡིན་པ་དང་། རྣ་བའི་འདུས་ཏེ་རེག་པ་གང་ཡིན་པ་དང་། སྣའི་འདུས་ཏེ་རེག་པ་གང་ཡིན་པ་དང་། ལྕེའི་འདུས་ཏེ་རེག་པ་གང་ཡིན་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །​ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་མྱི་བྱ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་མྱི་བྱ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96479#UT22084-014-001-96479