ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་སོ། །​ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་མྱི་དམྱིགས་སོ། །​སའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་སའི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་སོ། །​སའི་ཁམས་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་སའི་ཁམས་ཀྱི་ཆོས་ཉིད་མྱི་དམྱིགས་སོ། །​ཆུའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་ཆུའི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་སོ། །​ཆུའི་ཁམས་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་ཆུའི་ཁམས་ཀྱི་ཆོས་ཉིད་མྱི་དམྱིགས་སོ། །​མྱེའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་མྱེའི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་སོ། །​མྱེའི་ཁམས་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་མྱེའི་ཁམས་ཀྱི་ཆོས་ཉིད་མྱི་དམྱིགས་སོ། །​རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་སོ། །​རླུང་གི་ཁམས་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་རླུང་གི་ཁམས་ཀྱི་ཆོས་ཉིད་མྱི་དམྱིགས་སོ། །​ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་ནམ་མཁའི་ཁམས་ཀྱི་དེ་བཞིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96437#UT22084-014-001-96437