མཐུའོ། །​ཁྱོད་ཀྱི་བྱིན་ཀྱི་རླབས་སོ། །​རབ་འབྱོར་ཀྱིས་སྨྲས་པ། ཀཽ་ཤི་ཀ་འདི་ནི་བདག་གི་མཐུ་མ་ཡིན། འདི་ནི་བདག་གི་བྱིན་ཀྱི་རླབས་མ་ཡིན་ནོ། །​བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་འོན་དེ་སུའི་མཐུ། དེ་སུའི་བྱིན་ཀྱི་རླབས། །​རབ་འབྱོར་ཀྱིས་སྨྲས་པ། ཀཽ་ཤི་ཀ་དེ་ནི་དེ་བཞིན་གཤེགས་པའི་མཐུའོ། །​དེ་ནི་དེ་བཞིན་གཤེགས་པའི་བྱིན་ཀྱི་རླབས་སོ། །​བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་ཆོས་ཐམས་ཅད་བྱིན་ཀྱི་རླབས་མྱེད་ན་ཅིའི་ཕྱིར། དེ་སྐད་དུ་འདི་ནི་དེ་བཞིན་གཤེགས་པའི་མཐུའོ། །​འདི་ནི་དེ་བཞིན་གཤེགས་པའི་བྱིན་ཀྱི་རླབས་སོ། ཞེས་སྨྲ། བྱིན་གྱི་རླབས་མྱེད་པའི་ཆོས་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མྱི་དམྱིགས་ལ། དེ་བཞིན་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མྱི་དམྱིགས་སོ། །​རབ་འབྱོར་ཀྱིས་སྨྲས་པ། ཀཽ་ཤི་ཀ་དེ་ནི་དེ་བཞིན་ནོ། །​དེ་ནི་དེ་བཞིན་ཏེ། བྱིན་ཀྱི་རླབས་མྱེད་པའི་ཆོས་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མྱི་དམྱིགས་ལ། དེ་བཞིན་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མྱི་དམྱིགས་སོ། །​བྱིན་གྱི་རླབས་མྱེད་པའི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་ལ། དེ་བཞིན་གཤེགས་པ་ལ་ཡང་བྱིན་ཀྱི་རླབས་མྱེད་པའི་ཆོས་ཉིད་མྱི་དམྱིགས་སོ། །​དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་དེ་བཞིན་ཉིད་མྱི་དམྱིགས་སོ། །​གཟུགས་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་གཟུགས་ཀྱི་དེ་བཞིན་ཉིད་མྱི་དམྱིགས་སོ། །​གཟུགས་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་གཟུགས་ཀྱི་ཆོས་ཉིད་མྱི་དམྱིགས་སོ། །​ཚོར་བའི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ལ་ཡང་ཚོར་བའི་དེ་བཞིན་ཉིད་མྱི་དམྱིགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96430#UT22084-014-001-96430