རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​ནང་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​ཕྱི་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱི་སྟོང་པ་ཉིད་ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​ཕྱི་ནང་སྟོང་པ་ཉིད་ཀྱི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96419#UT22084-014-001-96419