སོ། །​ཚོར་བའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཚོར་བ་ཚོར་བའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​སྲེད་པའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྲེད་པ་སྲེད་པའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​ལེན་པའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལེན་པ་ལེན་པའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​སྲིད་པའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྲིད་པ་སྲིད་པའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​སྐྱེ་བའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྐྱེ་བ་སྐྱེ་བའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​རྒ་ཤིའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96417#UT22084-014-001-96417