རྐྱེན་ཀྱིས་ཚོར་བའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། །​ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། །​ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ། བམ་པོ་བརྒྱད་པ། །​སའི་ཁམས་ཀྱི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སའི་ཁམས་སའི་ཁམས་ཀྱི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​ཆུའི་ཁམས་ཀྱི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆུའི་ཁམས་ཆུའི་ཁམས་ཀྱི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​མྱེའི་ཁམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96414#UT22084-014-001-96414