པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མི་མཐོང་། འགྲིབ་པ་མི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྣའི་རྣམ་པར་ཤེས་པ་སྣའི་རྣམ་པར་ཤེས་པའི་རང་བཞིན་གྱིས་མྱེད་ཅིང་མི་དམིགས་སོ། །​ལྕེའི་རྣམ་པར་ཤེས་པའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལྕེའི་རྣམ་པར་ཤེས་པ་ལྕེའི་རྣམ་པར་ཤེས་པའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​ལུས་ཀྱི་རྣམ་པར་ཤེས་པའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལུས་ཀྱི་རྣམ་པར་ཤེས་པ་ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​མྱིག་གི་འདུས་ཏེ་རེག་པའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མྱིག་གི་འདུས་ཏེ་རེག་པ་མྱིག་གི་འདུས་ཏེ་རེག་པའི་རང་བཞིན་གྱིས་མྱེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96411#UT22084-014-001-96411