བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལྕེ་ལྕེའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​ལུས་ཀྱི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལུས་ལུས་ཀྱི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​ཡིད་ཀྱི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡིད་ཡིད་ཀྱི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​གཟུགས་ཀྱི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་གཟུགས་ཀྱི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​སྒྲའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྒྲ་སྒྲའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​དྲིའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་མྱི་མཐོང་། ཀུན་ནས་ཉོན་མོངས་པ་མྱི་མཐོང་། རྣམ་པར་བྱང་བ་མྱི་མཐོང་། སྩོགས་པ་མྱི་མཐོང་། འབྲི་བ་མྱི་མཐོང་། འགྲིབ་པ་མྱི་མཐོང་། འཕེལ་བ་མྱི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲི་དྲིའི་རང་བཞིན་གྱིས་མྱེད་ཅིང་མྱི་དམྱིགས་སོ། །​རོའི་སྐྱེ་བ་མྱི་མཐོང་། འགག་པ་མྱི་མཐོང་། བླང་བ་མྱི་མཐོང་། དོར་བ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96409#UT22084-014-001-96409