དེ་ནི་འདི་ལྟར་མྱིག་གི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་མྱིག་གི་འདུས་ཏེ་རེག་པ་ལ་མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་རྣ་བའི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རྣ་བའི་འདུས་ཏེ་རེག་པ་ལ་རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་སྣའི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སྣའི་འདུས་ཏེ་རེག་པ་ལ་སྣའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་ལྕེའི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ལྕེའི་འདུས་ཏེ་རེག་པ་ལ་ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་ལུས་ཀྱི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ལུས་ཀྱི་འདུས་ཏེ་རེག་པ་ལ་ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ལྕེའི་འདུས་ཏེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96399#UT22084-014-001-96399