གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །​གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ་ནི་གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མྱེད་དོ། །​ཀཽ་ཤི་ཀ་རྒྱུན་ཏུ་ཞུགས་པ་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་ལན་ཅིག་ཕྱིར་འོང་བ་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་ཕྱིར་མྱི་འོང་བ་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་དགྲ་བཅོམ་པ་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་རང་སངས་རྒྱས་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ་གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མྱེད་དོ། །​ཀཽ་ཤི་ཀ་དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་བཏགས་པ་དང་ཡང་འགལ་བར་མྱི་བྱེད་ལ་ཆོས་ཉིད་ཀྱང་སྟོནད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96327#UT22084-014-001-96327