དག་ནི་ཡིད་ལས་བྱུང་བ་སྟེ། མེ་ཏོག་འདི་དག་ནི་ལྡུམ་བུ་ལས་བྱུང་བ་མ་ཡིན་ནོ་སྙམ་པ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​བཙུན་པ་རབ་འབྱོར་མེ་ཏོག་འདི་དག་ནི་མ་བྱུང་བ་སྟེ། མེ་ཏོག་འདི་དག་ནི་ཡིད་ལས་བྱུང་བ་མ་ཡིན་ནོ། །​ལྡུམ་བུ་ལས་བྱུང་བ་མ་ཡིན་ནོ། །​རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་སྐད་དུ་མེ་ཏོག་འདི་དག་མ་སྐྱེས་པ་སྟེ་མེ་ཏོག་འདི་དག་ཡིད་ལས་བྱུང་བ་མ་ཡིན། ལྡུམ་བུ་ལས་བྱུང་བ་མ་ཡིན་ནོ་ཞེས་ཟེར་བ་ནི། ཀཽ་ཤི་ཀ་དེ་ལྟར་མ་སྐྱེས་པ་ནི་མེ་ཏོག་ཀྱང་མ་ཡིན་ནོ། །​བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་མེ་ཏོག་འདི་དག་ཉི་ཚེ་མ་བྱུང་བར་ཟད་དམ། འོ་མ་ཏམ་གཟུགས་ཀྱང་མ་བྱུང་། ཚོར་བ་ཡང་མ་བྱུང་། འདུ་ཤེས་ཀྱང་མ་བྱུང་། འདུ་བྱེད་ཀྱང་མ་བྱུང་། རྣམ་པར་ཤེས་པ་ཡང་མ་བྱུང་བ་ཡིན། །​རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་མེ་ཏོག་འདི་དག་ཉི་ཚེ་མ་བྱུང་བར་མ་ཟད་ཀྱི། ཀཽ་ཤི་ཀ་གཟུགས་ཀྱང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་གཟུགས་མ་ཡིན་ནོ། །​ཀཽ་ཤི་ཀ་ཚོར་བ་ཡང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཚོར་བ་མ་ཡིན་ནོ། །​ཀཽ་ཤི་ཀ་འདུ་ཤེས་ཀྱང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་འདུ་ཤེས་མ་ཡིན་ནོ། །​ཀཽ་ཤི་ཀ་འདུ་བྱེད་ཀྱང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་འདུ་བྱེད་མ་ཡིན་ནོ། །​ཀཽ་ཤི་ཀ་རྣམ་པར་ཤེས་པ་ཡང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །​ཀཽ་ཤི་ཀ་མྱིག་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མྱིག་མ་ཡིན་ནོ། །​ཀཽ་ཤི་ཀ་རྣ་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣ་བ་མ་ཡིན་ནོ། །​ཀཽ་ཤི་ཀ་སྣ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྣ་མ་ཡིན་ནོ། །ཀཽ་ཤི་ཀ་ལྕེ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལྕེ་མ་ཡིན་ནོ། །​ཀཽ་ཤི་ཀ་ལུས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལུས་མ་ཡིན་ནོ། །​ཀཽ་ཤི་ཀ་ཡིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཡིད་མ་ཡིན་ནོ། །​ཀཽ་ཤི་ཀ་གཟུགས་ནི་མ་བྱུང་བ་སྟེ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96307#UT22084-014-001-96307