ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནང་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​ཕྱི་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མྱི་དམྱིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​དངོས་པོ་མྱེད་པའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96271#UT22084-014-001-96271