དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། ངོ་བོ་ཉིད་སྟོང་པ་ཉིད་མི་དམྱིགས་པའི་ཚུལ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། དྲན་པ་ཉེ་བར་གཞག་པ་རྣམས་མྱི་དམྱིགས་པའི་ཚུལ་དང་། ཡང་དག་པར་སྤོང་བ་རྣམས་མྱི་དམྱིགས་པའི་ཚུལ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་དམྱིགས་པའི་ཚུལ་དང་། དབང་པོ་རྣམས་མྱི་དམྱིགས་པའི་ཚུལ་དང་། སྟོབས་རྣམས་མྱི་དམྱིགས་པའི་ཚུལ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་དམྱིགས་པའི་ཚུལ་དང་། ལམ་མྱི་དམྱིགས་པའི་ཚུལ་དང་། འཕགས་པའི་བདེན་པ་རྣམས་མི་དམིགས་པའི་ཚུལ་དང་། བསམ་གཏན་རྣམས་མྱི་དམྱིགས་པའི་ཚུལ་དང་། ཚད་མྱེད་པ་རྣམས་མྱི་དམྱིགས་པའི་ཚུལ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས་པའི་ཚུལ་དང་། རྣམ་པར་ཐར་བ་རྣམས་མྱི་དམྱིགས་པའི་ཚུལ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས་པའི་ཚུལ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་མྱི་དམྱིགས་པའི་ཚུལ་དང་། མངོན་པར་ཤེས་པ་རྣམས་མྱི་དམྱིགས་པའི་ཚུལ་དང་། ཏིང་ངེ་འཛིན་རྣམས་མྱི་དམྱིགས་པའི་ཚུལ་དང་། གཟུངས་ཀྱི་སྒོ་རྣམས་མྱི་དམྱིགས་པའི་ཚུལ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་མྱི་དམྱིགས་པའི་ཚུལ་དང་། མྱི་འཇིགས་པ་རྣམས་མྱི་དམྱིགས་པའི་ཚུལ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་མྱི་དམྱིགས་པའི་ཚུལ་དང་། བྱམས་པ་ཆེན་པོ་མྱི་དམིགས་པའི་ཚུལ་དང་། སྙིང་རྗེ་ཆེན་པོ་མྱི་དམྱིགས་པའི་ཚུལ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མྱི་དམྱིགས་པའི་ཚུལ་དང་། ཐམས་ཅད་ཤེས་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་མྱི་དམྱིགས་པའི་ཚུལ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་དམྱིགས་པའི་ཚུལ་གྱིས་རྣམ་པ་དེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96268#UT22084-014-001-96268