ཅིང་། རྫུས་ཏེ་སྐྱེ་བར་ཡང་འགྱུར་རོ། །​དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་འགྱུར་རོ། །​སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །​སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །​འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་རྟག་ཏུ་མཉམ་པར་བཞག་པར་ཡང་འགྱུར་རོ། །​མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་པའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ། །​གང་མི་དམྱིགས་པའི་ཚུལ་གྱིས་ཞེ་ན། བདག་མྱི་དམྱིགས་པའི་ཚུལ་དང་། སེམས་ཅན་མྱི་དམྱིགས་པའི་ཚུལ་དང་། སྲོག་མྱི་དམྱིགས་པའི་ཚུལ་དང་། འགྲོ་བ་མྱི་དམྱིགས་པའི་ཚུལ་དང་། གསོ་བ་མྱི་དམྱིགས་པའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་དང་། གང་ཟག་མྱི་དམྱིགས་པའི་ཚུལ་དང་། ཤེད་ཅན་མྱི་དམྱིགས་པའི་ཚུལ་དང་། ཤེད་བདག་མྱི་དམྱིགས་པའི་ཚུལ་དང་། བྱེད་པ་པོ་མྱི་དམྱིགས་པའི་ཚུལ་དང་། ཚོར་བ་པོ་མྱི་དམྱིགས་པའི་ཚུལ་དང་། ཤེས་པ་པོ་མྱི་དམྱིགས་པའི་ཚུལ་དང་། མཐོང་བ་པོ་མྱི་དམྱིགས་པའི་ཚུལ་དང་། གཟུགས་མྱི་དམྱིགས་པའི་ཚུལ་དང་། ཚོར་བ་མྱི་དམྱིགས་པའི་ཚུལ་དང་། འདུ་ཤེས་མྱི་དམྱིགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96265#UT22084-014-001-96265