པ་བཞི་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་མྱི་འཇིགས་པ་བཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​མྱི་འཇིགས་པ་བཞི་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་མྱི་འཇིགས་པ་བཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​མི་འཇིགས་པ་བཞི་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་མྱི་འཇིགས་པ་བཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​མྱི་འཇིགས་པ་བཞི་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་མྱི་འཇིགས་པ་བཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​མྱི་འཇིགས་པ་བཞི་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་པ་མྱི་འཇིགས་པ་བཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​སོ་སོ་ཡང་དག་པར་རིག་པ་བཞི་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​སོ་སོ་ཡང་དག་པར་རིག་པ་བཞི་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​སོ་སོ་ཡང་དག་པར་རིག་པ་བཞི་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​སོ་སོ་ཡང་དག་པར་རིག་པ་བཞི་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། སོ་སོ་ཡང་དག་པར་རིག་པ་བཞི་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​སོ་སོ་ཡང་དག་པར་རིག་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96252#UT22084-014-001-96252