རྣམ་པར་རྟོག་པར་མྱི་འགྱུར། དབེན་པ་སྟོབས་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཤེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་པ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བར་རྣམ་པར་རྟོག་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96242#UT22084-014-001-96242