ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ཡང་དག་པར་སྤོང་བ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། ཡང་དག་པར་སྤོང་བ་རྣམས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། དབེན་པ་ཡང་དག་པར་སྤོང་བ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་པ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །དབང་པོ་རྣམས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་དབང་པོ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​དབང་པོ་རྣམས་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་དབང་པོ་རྣམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96240#UT22084-014-001-96240