བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ཆོས་ཐམས་ཅད་སྟོང་པ་ཉིད་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​རང་གི་མཚན་ཉིད་སྟོང་པ་ཉིད་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​མྱི་དམྱིགས་པ་སྟོང་པ་ཉིད་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་མྱི་དམྱིགས་པ་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་དངོས་པོ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ངོ་བོ་ཉིད་སྟོང་པ་ཉིད་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ནང་སྟོང་པ་ཉིད་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ནང་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ཕྱི་སྟོང་པ་ཉིད་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ཕྱི་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ཕྱི་ནང་སྟོང་པ་ཉིད་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ཆེན་པོ་སྟོང་པ་ཉིད་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ཆེན་པོ་སྟོང་པ་ཉིད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96235#UT22084-014-001-96235