སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​མྱིག་གི་རྣམ་པར་ཤེས་པ་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་མྱིག་གི་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​རྣ་བའི་རྣམ་པར་ཤེས་པ་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་རྣ་བའི་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​སྣའི་རྣམ་པར་ཤེས་པ་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་སྣའི་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ལྕེའི་རྣམ་པར་ཤེས་པ་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ལུས་ཀྱི་རྣམ་པར་ཤེས་པ་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་ལུས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ཡིད་ཀྱི་རྣམ་པར་ཤེས་པ་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​མྱིག་གི་རྣམ་པར་ཤེས་པ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་མྱིག་གི་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​རྣ་བའི་རྣམ་པར་ཤེས་པ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་རྣ་བའི་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​སྣའི་རྣམ་པར་ཤེས་པ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་སྣའི་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ལྕེའི་རྣམ་པར་ཤེས་པ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ལུས་ཀྱི་རྣམ་པར་ཤེས་པ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96202#UT22084-014-001-96202