འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་ལྕེ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ལུས་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་ལུས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཡིད་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་ཡིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​མྱིག་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་མྱིག་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​རྣ་བ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་རྣ་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​སྣ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་སྣ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ལྕེ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ལྕེ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ལུས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ལུས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ཡིད་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ཡིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​མྱིག་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་པ་མྱིག་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​རྣ་བ་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་པ་རྣ་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​སྣ་དབེན་བྱ་བར་རྣམ་པར་རྟོག་པར་མི་འགྱུར། དབེན་པ་སྣ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ལྕེ་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་བ་ལྕེ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ལུས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་བ་ལུས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​ཡིད་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་བ་ཡིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །​གཟུགས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་གཟུགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96196#UT22084-014-001-96196