མ་ཡིན་ནོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​མངོན་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​ཏིང་ངེ་འཛིན་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​གཟུངས་ཀྱི་སྒོའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​དེ་བཞིན་གཤེགས་པའི་སྟོབས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​མྱི་འཇིགས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​སོ་སོ་ཡང་དག་པར་རིག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​བྱམས་པ་ཆེན་པོའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​སྙིང་རྗེ་ཆེན་པོའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​ཐམས་ཅད་ཤེས་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ཤེས་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཆོས་བསྟན་པ་འདི་ལ་ནི་གཟུགས་སུ་བཏགས་པ་མྱེད་དོ། །​ཚོར་བར་བཏགས་པ་མྱེད་དོ། །​འདུ་ཤེས་སུ་བཏགས་པ་མྱེད་དོ། །​འདུ་བྱེད་དུ་བཏགས་པ་མྱེད་དོ། །​རྣམ་པར་ཤེས་པར་བཏགས་པ་མྱེད་དོ། །​ཆོས་བསྟན་པ་འདི་ལ་ནི་མྱིག་ཏུ་བཏགས་པ་མྱེད་དོ། །​རྣ་བར་བཏགས་པ་མྱེད་དོ། །​སྣར་བཏགས་པ་མྱེད་དོ། །​ལྕེར་བཏགས་པ་མྱེད་དོ། །​ལུས་སུ་བཏགས་པ་མྱེད་དོ། །​ཡིད་དུ་བཏགས་པ་མྱེད་དོ། །​ཆོས་བསྟན་པ་འདི་ལ་ནི་གཟུགས་སུ་བཏགས་པ་མྱེད་དོ། །​སྒྲར་བཏགས་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96181#UT22084-014-001-96181