ཀྱི་སྒོ་རྣམས་ལ་མྱི་གནས་སོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མྱི་གནས་མྱི་འཇིགས་པ་རྣམས་ལ་མྱི་གནས། སོ་སོ་ཡང་དག་པར་རིག་པ་རྣམས་ལ་མྱི་གནས། བྱམས་པ་ཆེན་པོ་ལ་མྱི་གནས། སྙིང་རྗེ་ཆེན་པོ་ལ་མྱི་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་བ་རྣམས་ལ་མྱི་གནས་སོ། །​ཐམས་ཅད་ཤེས་པ་ཉིད་ལ་མྱི་གནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མྱི་གནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མྱི་གནས་སོ། །​རབ་འབྱོརད་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཇི་ལྟར་དེ་བཞིན་གཤེགས་པར་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུགས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཚོར་བ་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན། འདུ་ཤེས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། འདུ་བྱེད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱིག་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣ་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྣ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལྕེ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལུས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཡིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། གཟུགས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྒྲ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དྲི་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རོ་ལ་གནས་བ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རེག་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཆོས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱིག་གི་རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96167#UT22084-014-001-96167