ལས་གདགས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​རང་བྱང་ཆུབ་འདུས་མ་བྱས་ལས་གདགས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདུས་མ་བྱས་ལས་གདགས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​རྒྱུན་ཏུ་ཞུགས་པ་སྦྱིན་པའི་གནས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ལན་ཅིག་ཕྱིར་འོང་བ་སྦྱིན་པའི་གནས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ཕྱིར་མྱི་འོང་བ་སྦྱིན་པའི་གནས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​དགྲ་བཅོམ་པ་སྦྱིན་པའི་གནས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​རང་བྱང་ཆུབ་སྦྱིན་པའི་གནས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྦྱིན་པའི་གནས་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་དང་པོ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ས་གཉིས་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ས་གསུམ་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ས་བཞི་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ས་ལྔ་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ས་དྲུག་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ས་བདུན་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ས་བརྒྱད་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ས་དགུ་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ས་བཅུ་པ་ལ་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། གནས་པ་ལས་མྱི་བརྟན་པར་འགྱུར་བའི་ཕྱིར་རོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96155#UT22084-014-001-96155