དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གཉིས་པ། །​དམྱིགས་པའི་ཚུལ་གྱིས། སའི་ཁམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སའི་ཁམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སའི་ཁམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སའི་ཁམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སའི་ཁམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སའི་ཁམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སའི་ཁམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སའི་ཁམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སའི་ཁམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ཆུའི་ཁམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ཆུའི་ཁམས་བདེ་ཞེས་བྱ་བ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96109#UT22084-014-001-96109