དམྱིགས་པའི་ཚུལ་གྱིས། སྒྲ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སྒྲ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སྒྲ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སྒྲ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སྒྲ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སྒྲ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམིགས་པའི་ཚུལ་གྱིས། སྒྲ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སྒྲ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སྒྲ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མི་བྱའོ། །​དམྱིགས་པའི་ཚུལ་གྱིས། དྲི་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། དྲི་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། དྲི་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། དྲི་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། དྲི་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། དྲི་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མི་བྱའོ། །​དམྱིགས་པའི་ཚུལ་གྱིས། དྲི་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། དྲི་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96095#UT22084-014-001-96095