སོ་སོ་ཡང་དག་པར་རིག་པ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོ་ཞེས་བྱ་བར་གནས་པར་མི་བྱའོ། །​དམྱིགས་པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། དགྲ་བཅོམ་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། རང་བྱང་ཆུབ་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། གཟུགས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། གཟུགས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། གཟུགས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། གཟུགས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། གཟུགས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། གཟུགས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། གཟུགས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། གཟུགས་སྨོན་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96088#UT22084-014-001-96088