སྙོམས་པར་འཇུག་པ་རྣམས་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་ངོ་། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པས་སྟོང་ངོ་། །མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་ངོ་། །​ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་འཛིན་རྣམས་ཀྱིས་སྟོང་ངོ་། །​གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་ངོ་། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་སྟོང་ངོ་། །​མྱི་འཇིགས་པ་རྣམས་ནི་མྱི་འཇིགས་པ་རྣམས་ཀྱིས་སྟོང་ངོ་། །​སོ་སོ་ཡང་དག་པར་རིག་པ་རྣམས་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་ངོ་། །​བྱམས་པ་ཆེན་པོ་ནི་བྱམས་པ་ཆེན་པོས་སྟོང་ངོ་། །​སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་ཆེན་པོས་སྟོང་ངོ་། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ་། །​བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །​ཀཽ་ཤི་ཀ་དེ་ལྟར་ན་འཕགས་པའི་བདེན་པ་སྟོང་པ་ཉིད་དང་། བསམ་གཏན་སྟོང་པ་ཉིད་དང་། ཚད་མེད་པ་སྟོང་པ་ཉིད་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་དང་། རྣམ་པར་ཐར་པ་སྟོང་པ་ཉིད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་དང་། མངོན་པར་ཤེས་པ་སྟོང་པ་ཉིད་དང་། ཏིང་ངེ་འཛིན་སྟོང་པ་ཉིད་དང་། གཟུངས་ཀྱི་སྒོ་སྟོང་པ་ཉིད་དང་། དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་དང་། མྱི་འཇིགས་པ་སྟོང་པ་ཉིད་དང་། སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་དང་། བྱམས་པ་ཆེན་པོ་སྟོང་པ་ཉིད་དང་། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །​ཀཽ་ཤི་ཀ་གཞན་ཡང་ཉན་ཐོས་ཀྱི་ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པས་སྟོང་ངོ་། །​རང་སངས་རྒྱས་ཀྱི་ཐེག་པ་ནི་རང་སངས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96076#UT22084-014-001-96076